L2A7001 Desktop Resolution༄༅།། ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༢༥།༢༦།༢༧ སྟེ་ཉིན་གསུམ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁས་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་སྙན་སེང་ཡང་ཡང་ཞུས་དོན་ལྟར། སྙིགས་དུས་ཀྱི་འདུལ་བ་འཛིན་པ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་རིགས་པ་སྨྲ་བ་དགེ་བཤེས་ཐུབ་བསྟན་དཔལ་བཟང་མཆོག་འདི་ག་གྲྭ་ཚང་ལ་དངོས་ཕེབས་ཀྱིས་དགེ་སློབ་ལས་བྱེད་

བཅས་བརྒྱད་ཅུ་ཙམ་གྱི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ལ་སྦྱོང་བརྩོན་གནང་བཞིན་པའི་རྒྱལ་ཁབ་དང་མི་རིགས་གཞན་གྱི་དད་ལྡན་པ་ཁག་ཅིག་བཅས་ལ། ཐོག་མར་ཀ་ཁ་སློབ་པའི་དུས་ནས་ད་ལྟའི་བར་གྱི་

DSC 9572 Desktop Resolutionརང་གི་ཉམས་མྱོང་དང་། རིགས་པ་སྨྲ་བའི་ཆོས་ཀྱི་མཆེད་པོ་དང་། བྱ་བཏང་རྣལ་འབྱོར་བ་སོགས་ཀྱིས་ནང་མའི་ཚུལ་དུ་ཉམས་དང་རྟོགས་པའི་གསུང་གླེང་གནང་བ་སོགས་ཀྱིས་མཐའ་བརྒྱན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་པ་དང་དཀྱུས་གཅིག་ཏུ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་སོགས་ལ་ལམ་སྟོན་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ཞིང་། སློབ་གཉེར་པ་རྣམས་ཀྱིས་བཏོན་གནང་བའི་ཐལ་འགྱུར་པའི་ལུགས་ཀྱི་ཇི་སྙེད་པ་མཁྱེན་ཚུལ་ཐུན་མོང་མ་ཡིན་པ་འཇོག་སྟངས་དང་། ཀླུ་སྒྲུབ་དགོངས་རྒྱན་ལས་གསུངས་པའི་ཐ་སྙད་ཚད་མ་འདོད་མི་འདོད་ལ་རིགས་པས་གནོད་པ་ཡོད་མེད་སོགས་ལས་བརྩམས་པའི་དྲི་བ་ཁག་ལ་འདྲེ་ཤར་དང་ཀླུད་ནུབ་ལྟ་བུར་མ་སོང་བར་རང་རྒྱུད་དང་འདྲིས་པའི་ཐབས་དང་དགོས་པ་གཙོ་བོར་བཟུང་ནས་གསུང་ལན་གསལ་ཞིང་ཞིབ་པར་གནང་བ་སོགས་ཤིན་ཏུ་ཡི་རང་བའི་བགྲོ་གླེང་གནང་བ་ཁག་གཤམ་གྱི་དྲ་ཐག་བརྒྱུད་ནས་ཆ་ཚང་གསན་ཐུབ་པ་བཟོས་ཡོད་པས། སྐྱེས་བུ་དམ་པ་ལ་གུས་ཤིང་། དོན་གཉེར་གྱི་བློ་གྲོས་དང་ལྡན་རྣམས་ཀྱིས་ཡིད་རབ་ཏུ་གཏོད་ལ་ལེགས་པར་ཉོན་ཅིག་ཞུའོ།།

 

གསུང་བཤད་ཆ་ཚང་ལ་འདི་ནས་ཉན་ཐུབ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.