IMG 5625༄༅།། རོང་ཆེན་བསྟན་པའི་སྒྲོན་མེའི་གདན་ས་གོང་འོག་གིས་གཙོས་གཞིས་བྱེས་གཉིས་འཁོད་ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱི་འབྲེལ་ཡོད་སེར་སྐྱ་མི་མང་ལྷན་རྒྱས་ཀྱི་མདུན་སར། ཆེད་ཞུ། ད་ལམ་༸རོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གློ་བུར་སྙུན་གཞི་ལྕི་བཞེས་སྐབས་གཞིས་བྱེས་གཉིས་ཀ་ནས་ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱི་འབྲེལ་ཡོད་དགོན་སྡེ་དང་། གྲྭ་ཚང་། བླ་བྲང་། ཁང་ཚན། མི་ཚན། ལྷ་སྡེ་རོང་འབྲོག

ཚོགས་པ། སྒྲིག་འཛུགས། མི་སྒེར་བཅས་ནས་དད་དམ་གཙང་མ་དང་ལྷག་བསམ་རྣམ་དག་གིས་ཞབས་རིམ་རྒྱ་ཆེ་ཉིན་མཚན་ལྟོས་མེད་ཀྱིས་བསྒྲུབས་པའི་འབྲས་བུར། ༸སྐུ་གེགས་ཀྱི་མཚན་མ་མཐའ་དག་ཉེ་བར་ཞི་སྟེ་སྙུན་གཞི་འཕྲུལ་མྱུར་དྭངས་སྐྱེད་བྱུང་བས་འབྲེལ་ཡོད་སྤྱི་སྒེར་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུ།

IMG 5626

འདི་ག་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་ཀྱི་ཚོགས་གཞོན་བཅས་ནས་འབྲེལ་ཡོད་གཞིས་བྱེས་གཉིས་ཀའི་ཚབ་བྱས་ཏེ་ཐའེ་ཝན་དུ་ྋཁོང་རིན་པོ་ཆེའི་སྐུ་མདུན་ལ་ཆེད་བཅར་གྱིས་སྙུན་འདྲི་འཚམས་ཞུས་དང་འབྲེལ་༸ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ནན་ཏན་ཞུས་པར་བཀའ་ལན་ཕྱིར་ཕེབས་སུ། ད་རེས་གློ་བུར་དུ་བར་ཆད་བྱུང་བ་རེད། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་སེང་དགོངས་སྐོར་ཞུས་ཏེ་ལམ་སྟོན་བཀའ་སློབ་ཕེབས་པ་ཇི་བཞིན་བྱས་པས་སྐྱོན་ཆེན་པོ་གང་ཡང་མ་བྱུང་བར་བར་ཆད་ལས་གྲོལ་ཐུབ་པ་བྱུང་། ལྷག་པར་དུ་ང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་བོད་ཕྱི་ནང་གཉིས་ཀྱི་ས་ཕྱོགས་གང་མང་ཞིག་ནས་ནད་གཞི་འདི་ལས་གྲོལ་བའི་ཆེད་དུ་སྡིག་སྤོང་དགེ་སྒྲུབ་རྒྱ་ཆེན་པོ་ཞིག་གནང་དང་གནང་མུས་རེད་འདུགདད་པ་དང་དམ་ཚིག་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་དབང་གིས་དགེ་སྒྲུབ་གང་བྱས་པ་དེ་དག་དོན་ལ་སྨིན་སོང་བསམ་པའི་རྟགས་དང་མཚན་མ་བྱུང་བས་ད་ལྟ་བར་ཆད་དེ་ལས་གྲོལ་བ་རེད། ད་ཁྱེད་ཚོས་སེམས་ཁུར་བྱེད་དགོས་པ་གང་ཡང་མེད། ཉིན་རེ་བཞིན་ལུས་ཁམས་ཡར་དྭངས་རེད། ཅེས་བཀའ་བཟང་བདུད་རྩིའི་ཐིགས་པ་སྤྱི་ཕེབས་བྱུང་ཞིང་། མུ་མཐུད་དུས་ཡུན་གང་འཚམས་རིང་༸སྐུའི་སྙན་གཞིར་སྨན་བཅོས་ཀྱི་མཇུག་སྐྱོང་གནང་དགོས་ནའང་ཉིན་རེ་བཞིན་༸སྐུ་ཁམས་ཇེ་དྭངས་ཡིད་སྤྲོའི་གསོས་སུ་གྱུར་པའི་ངང་ཚུལ་དངོས་མཇལ་བྱུང་བས་འབྲེལ་ཡོད་སེར་སྐྱ་མི་མང་རྣམས་ཐུགས་བདེ་བར་བཞུགས་ཆོག་པ་དང་།སླར་ཡང་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུ་བ་བཅས། 

ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས།ཕྱི་ལོ་༢༠༡༨ཟླ་ཚེས་༡༧ལ་ཕུལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.