གླེང་བརྗོད།

16 book cover༄༅།། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ྋརོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་ནས་བཟུང་ཀིརྟི་སྐུ་ཕྲེང་གོང་མ་རྣམས་ཀྱིས་མདོ་རོང་གི་ཡུལ་གྱི་མི་དང་མི་མ་ཡིན་རྣམས་དཀར་ཕྱོགས་དགེ་བའི་ལམ་དུ་བཙུད་ཅིང་། ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཀྱིས་མཚོན་རིས་སུ་མ་ཆད་པའི་ྋརྒྱལ་བའི་བསྟན་པ་རིནཔོ་ཆེ་དར་སྤེལ་མཛད་པས་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ།
      ལྷག་པར་ཀིརྟི་ཚང་གི་གདན་ས་རྣམས་ལ་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་ཡུལ་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་སྲོལ་ལྟར་གསར་འཛུགས་ཀྱིས་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟནཔ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ནས། ལོ་ཡུན་རིམ་སོང་གིས་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་ཀྱི་ཆ་ལ་ཡུལ་ལུང་སོ་སོའི་གོམས་གཤིས་ལེགས་ཉེས་འགའ་ཤས་འདྲེས་ནའང་། སྔ་མོའི་དུས་སུ་མདོ་དབུས་དབར་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་གྱིས་དང་པོའི་འབྱུང་ཁུངས་ལ་གཏུགས་པའི་དག་ཐེར་གནང་ཐུབ་མེད།

 

 

                                                                                         གླེང་བརྗོད།

 

 

Book 13 Page 001༄༅།། འདས་ཟིན་པའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་བྱ་བའི་ལུགས་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་ལོ་རྒྱུས་འདི་ནི། ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་ཁོང་རིན་པོ་ཆེར་སྔ་མོའི་ཀིརྟིའི་བླ་བྲང་གི་འགྲོ་ལུགས་དང་། གནས་སྟངས་སོགས་ཀྱིས་མཚོན་པའི་ལོ་རྒྱུས་ངོ་སྤྲོད་གནང་སྐྱོང་ཡོང་བའི་༸སྙན་སེང་ཕུལ་དོན་ལྟར། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་རྣམ་པ་དང་། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་མཉམ་འཛོམས་ཐོག་ཁོང་རིན་པོ་ཆེས་ཀིརྟིའི་བླ་བྲང་གི་ལུགས་གཉིས་ཀྱི་བྱུང་རབས་ལ་ངོ་བསྟོད་སྒྲོ་བཏགས་དང་། ངན་སྨོད་འཁྱོག་བཤད་སྤངས་ཏེ་མི་རབས་གསར་པ་རྣམས་ཀྱིས་འདས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་པར་ཀིརྟིའི་བླ་བྲང་གི་གནས་བབ་ཇི་བཞིན་1རྟོགས་ཐབས་སུ་དགོངས་བཞེས་ཀྱིས་ཀིརྟིའི་བླ་བྲང་གི་ངོ་བོ་དང་། སྒྲིག་འཛུགས་ཀྱི་རང་བཞིན། ལས་དོན་བྱེད་ཕྱོགས། མངའ་ཐང་གི་རྒྱ་ཁྱོན། ཁྲལ་བསྡུ་ཁྲིམས་གནོན་བྱེད་སྟངས་སོགས་གོ་རིམ་ཞིབ་ཚགས་དང་ཚིག་བརྗོད་སླ་བོས་ངོ་སྤྲོད་གནང་བ་རྣམས་འཕྲལ་མར་ཡིག་ཐོག་ཏུ་ཕབ་བཤུས་ཀྱིས་ཕུལ་བར།

 

 

Book 12 Page 001 Desktop Resolution

མཚན་བྱང་།     ལུགས་ཟུང་གསུང་འཕྲིན་བསླབ་བཏུས།

མཛད་པ་པོ།     ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།       ལུགས་ཟུང་བསླབ་བྱ།

              འདིར་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ལས་སྣེ་འདུས་མང་ལ་བསྩལ་པ་དང་། གདན་ས་ཆེན་པོ་སྟག་ཚང་ལྷ་མོའི་ཚོགས་འདུ་ལས་སྣེ་ལ་བསྩལ་པའི་བཀའ་ལན། ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་གྱི་བསྟན་པའི་སྦྱིན་བདག་ལྷ་སྡེ་དཀར་པོ་ནང་ཁུལ་འགྲིག་འཇགས་ཆེད་དུ་བསྩལ་པ། ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་གྱི་གཞུང་གསར་འཛིན་གྲྭ་ལ་གནང་བའི་བཀའ་སློབ་བཅས་བཀའ་ཤོག་དང་བརྟག་ལན་གྱི་སྐོར་ལ་གསུང་འཕྲིན་སོ་དགུ་དང་། གཞོན་སྐྱེས་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་གི་སྙན་རྩོམ་ཕྱོགས་བསྒྲིགས་མཁར་ཞེས་པའི་ཆེད་བརྗོདདུ་བསྩལ་པ་དང་། ྋཤར་ཚང་གི་ཡོངས་འཛིན་འཇིགས་མེད་ཐེག་མཆོག་གི་དགོངས་རྫོགས་མཆོད་སྤྲིན་དད་གདུང་རིག་པའི་མཆོད་ཕྲེང་གི་ཆེད་བརྗོད་དུ་བསྩལ་པ། རྔ་ཡུལ་ཀིརྟི་དགོན་གྱི་གཞུང་གསར་འོག་མའི་འཛིན་གྲྭས་ཚད་མའི་མཐའ་དཔྱོད་རིག་པའི་སྐྱ་རེངས་ཞེས་བྱ་བ་པར་བསྐྲུན་བྱས་པར་ལེགས་གསོའི་བསྔགས་བརྗོད་དུ་བསྩལ་པ། གདན་ས་སྟག་ཚང་ལྷ་མོའི་དགེ་བཤེས་ཨ་ཁུ་བློ་གསལ་རྒྱ་མཚོ་མཆོག་གི་གསུང་རྩོམ་ཕྱོགསབསྒྲིགས་ཀྱི་དབུར་ཆེད་བརྗོད་དུ་བསྩལ་པ། རེབ་གོང་བཀྲ་ཤིས་ཀྱིས་བརྩམས་པའི་བདེན་རྫུན་གསལ་བར་སྟོན་པའི་མེ་ལོང་ཞེས་པའི་ཆེད་བརྗོད་དུ་བསྩལ་པ། སོག་པོ་སྤྲུལ་སྐུའམ་ཡོངས་གྲགས་སུ་དམར་དབང་སྤྲུལ་སྐུའི་རྗེས་དྲན་ཆེད་དེབ་ཀྱི་དབུ་བརྗོད་དུ་བསྩལ་པ། གཉན་རྩེ་དཔོན་སློབ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ངག་ཕྲེང་པདྨའི་རྫིང་བུ་པར་བསྐྲུན་གྱི་ཆེད་བརྗོད་དུ་བསྩལ་པ་སོགས་ཆེད་བརྗོད་བཅོ་ལྔ། ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་བཅས་བཞུགས། 

ཕབ་ལེན་བྱེད་ས།

 

 

Book 11 Page 001 Desktop Resolution

མཚན་བྱང་།        ལོ་རྒྱུས་དང་སྙན་རྩོམ།

མཛད་པ་པོ།        ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།         ལོ་རྒྱུས་དང་སྙན་རྩོམ།

 

             འདིར་ྋརྒྱལ་ཚབ་དམ་པ་ཡོངས་འཛིན་མགོན་པོ་ཀླུ་སྒྲུབ་ཚང་གི་རྣམ་ཐར་བདུད་རྩིའི་ཟེགས་མ་དང་། ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གི་རྣམ་ཐར་ངོ་མཚར་རིན་ཆེན་ཕྲེང་མཛེས། རྗེ་བླ་མའི་རྟོགས་པ་བརྗོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན། འབྲས་རོང་པོ་ཁང་ཚན་གྱི་ངག་རྒྱུན་ལོ་རྒྱུས་སོགས་ལོ་རྒྱུས་ཀྱི་སྐོར་དང་། བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་ལ་ཕུལ་བ་དང་། ྋརྗེ་བཙུན་བླ་མ་དམ་པ་རྗེ་དཀོན་མཆོག་ཤེས་རབ་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས་གདུང་དབྱངས་སུ་འབོད་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཆོད་བརྗོད་ཚིགས་བཅད་མ། གྲོགས་པོ་ཆོས་ལ་སྐུལ་བའི་གཏམ། ྋསྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་མཆོག་ལ་ཕུལ་བའི་ཞུ་ཡིག་སོགས་ཆབ་ཤོག་གི་སྐོར། ཉེ་བར་མཁོ་བའི་བརྗེད་བྱང་འགའ་དང་། བསྟན་བཅོས་ཀྱི་དགོས་དོན་གླེང་བ། ཁྲུས་ལ་འཇུག་ཚུལ། མཆོད་པ་འབུལ་ཚུལ། ཕྱག་འཚལ་བའི་ཚུལ་སོགས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་རྣམས་ལ་ཉེར་བར་མཁོ་བའི་བརྗེད་བྱང་གི་སྐོར། ཕྱི་ལོ་༢༠༠༤ ལོར་ཌལ་ཧོར་གྱི་མཐོང་སྣང་ངོ་མ་ཞེས་པའི་ཆེད་རྩོམ་དང་། ཡིད་ཀྱི་མེ་ལོང་ལ་འཆར་བའི་འདྲ་སྐུའི་གཟུགས་བརྙན། རྗེ་ཙོང་ཁ་པ་ཆེན་པོའི་གོས་སྐུའི་རྒྱབ་ཡིགམདོ་སྨད་ཆོལ་ཁའི་དར་ཆའི་དཔེ་རིས་དང་འགྲེལ་བཤད། མདོ་སྨད་ལྷོ་རྒྱུད་དུ་གྲགས་ཆེ་བའི་ཤོ་བཤད་སོགས་བཤད་པའི་སྐོར །སྙན་ངག་དཔེ་བརྗོད་བྱིས་པའི་འཁྱོག་འགྲོས་དང་། དགེ་རྒན་འོས་སྦྱོང་སྐབས་སློབ་ཚན་གྱི་སྙན་ངག་གསན་བསམ་མཛད་པའི་སྐབས་ཀྱི་ཟིན་བྲིས་དཔེ་བརྗོད་ཁག་བཅས་སྙན་ངག་གི་དཔེ་བརྗོད་སྐོར། མདོ་སྨད་ཡུལ་གྱི་ངག་རྒྱུན་གླུ་ཚིག་དང་། མདོ་སྨད་ཡུལ་གྱི་གླུ་ཤགས།མདོ་སྨད་ཡུལ་གྱི་འདྲི་གླུ་ངག་ཐོག་རྩོམ་རིག མདོ་སྨད་ཡུལ་གྱི་ངག་རྒྱུན་གླུ་ཚིག་ཁག་འགའ་ཤས། ཟློས་གར་རིག་གནས་བཅས་བཞུགས། ཕབ་ལེན་བྱེད་ས།

 

 

                                                                                         

Book 10 Page 001 Desktop Resolution

མཚན་བྱང་།    བཅའ་ཡིག་ཕྱོགས་བསྒྲིགས།

མཛད་པ་པོ།    ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།      བཅའ་ཡིག

 

          འདིར་སྙན་སྒྲོན་བཅུ་གསུམ་དང་པོ། མཐུན་ལམ་གྱི་སྐོར་སོགས་དོན་ཚན་བཅུ་གསུམ་དང་། གཉིས་པ། སྙན་སྒྲོན་བཅུ་གསུམ་གཉིས་པ། སྡེ་འདིར་འཇུག་པ་པོའི་རྟེན་གྱི་གང་ཟག་སོགས་དོན་ཚན་བཅུ་གསུམ་དང་། གསུམ་པ། དྲུག་ཅུ་རྒན་པོའི་རེ་འདུན་ལ། དགེ་འདུན་པའི་སྡེ་རྣམས་སུ་འཇུག་པ་པོའི་རྟེན་གྱི་གང་ཟག གནས་ཀྱི་བླ་མའམ་ཤག་གི་དགེ་རྒན་ཇི་ལྟ་བུ་དགོས་པ། གདན་ས་གོང་འོག་གི་དགེ་འདུན་པ་རྣམས་ཀྱི་ལས་སུ་བྱ་བ་ཇི་ལྟར་ཡིན་པ་སོགས་ནང་གསེས་ཚན་པ་བཅུ་བཞི། བཞི་པ། སྟག་ཚང་ལྷ་མཱུའི་སྨན་པ་གྲྭ་ཚང་དང་རྔ་པའི་སྨན་པ་གྲྭ་ཚང་གཉིས་ཀྱི་བཅའ་ཡིག་ཟིན་བྲིས། ལྔ་པ། མཚོ་སྔོན་ཀིརྟི་དགོན་གསར་གྱི་བཅའ་ཡིག དྲུག་པ། གཅའ་དགོན་མི་ཕམ་བྱམས་པ་གླིང་གི་བཅའ་ཡིག་ནོར་བུའི་དོ་ཤལ། བདུན་པ། གདོང་རི་ཀིརྟིའི་དགོན་དགའ་ལྡན་དམ་ཆོས་གླིང་གི་བཅའ་ཡིག་ཐུབ་པའི་དགོངས་པ་གསལ་བའི་མེ་ལོང་། བརྒྱད་པ། གདོང་རི་ཀིརྟིའི་དགོན་དགའ་ལྡན་དམ་ཆོས་གླིང་གི་བཅའ་ཡིག་ལྷན་ཐབས་དང་པོ། དགུ་པ། ཀི་རྟིའི་བྱེས་པ་གྲྭ་ཚང་གི་སྒྲིག་གཞིའི་ཟིན་བྲིས་མདོར་བསྡུས། བཅུ་པ། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བཅའ་ཡིག་མི་ཚེའི་མདུན་ལམ། བཅུ་གཅིག་པ། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་བཅས་བཞུགས། ཕབ་ལེན་བྱེད་ས།

 

 

 

 

                                                                                                  

Book 09 Page 001 Desktop Resolution

མཚན་བྱང་།     ཆོས་སྤྱོད་ཕྱོགས་བསྒྲིགས།

མཛད་པ་པོ།     ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།       བླ་མའི་རྣལ་འབྱོར་དང་ཞབས་བརྟན་གསོལ་འདེབས། སྤྲུལ་སྐུ་མྱུར་བྱོན་སོགས།

            འདིར་བླ་མའི་རྣལ་འབྱོར་དང་ཞབས་བརྟན་གསོལ་འདེབས། སྤྲུལ་སྐུ་མྱུར་བྱོན་སོགས་ཀྱི་སྐོར་ལ། ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་བཅུ་གཅིག་གི་མཚན་སྒྲ་གསལ་བའི་གསོལ་འདེབས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་དངོས་གྲུབ་འདོད་འཇོ་སོགས་བཀའ་རྩོམ་བཅུ། སངས་རྒྱས་སོ་ལྔར་སྟོང་མཆོད་འབུལ་བ་དང་འབྲེལ་ཐུགས་རྒྱུད་སྐུལ་ཞིང་། གསོལ་བ་འདེབས་པའི་སྒོ་ནས་ཉེས་ལྟུང་བཤགས་པའི་ཆོ་ག་གང་གཱའི་ཆུ་རྒྱུན། པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལ་བརྟེན་ནས་ཏིལ་རྐྱང་སྒོས་སྦྱིན་སྲེག་བྱེད་ཚུལ་ནག་འགྲོས་སུ་བཀོད་པ། དཔལ་ལྡན་ལྷ་མོའི་སྒོ་ནས་སྐྱེ་སྲིད་ངོས་འཛིན་བྱ་ཚུལ་གྱི་མོ་དཔེ། ཇོ་བོའི་ལུགས་ཀྱི་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་ཐུའུ་བཀྭན་གསུང་ལ་ལྷན་ཐབས་ནག་འགྲོས་སུ་བཀོད་པ། རྒྱལ་བའི་བསྟན་སྲུང་ནོར་བདག་མཧཱ་རཱཛཱ་དཔའ་བོ་རྩལ་གྱི་གཏེར་སྒྲུབ་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ། ༸རོང་ཆེན་བསྟན་པའི་སྒྲོན་མེའི་སྒོས་ཀྱི་བསྟན་སྲུང་རྒྱ་ཆེན་ཀརྨ་བཋ་གྱི་འཕྲིན་སྐུལ། མདོ་སྨད་ཆོས་དཔལ་ཞིང་གི་བསྟན་སྲུང་དགེ་བསྙེན་ཆེན་པོ་དཔའ་རྒན་གྱི་གཏོར་ཆོག་བསྡུས་པ། དྲུག་ཅུ་མའི་ཆོ་ག་ནག་འགྲོས་སུ་བཀོད་པ། བཀའ་ཤོག་དང་འཕྲིན་བཅོལ་ཁག་ཅེས་པར། མི་རྩའི་དཔོན་རབས་མཐའ་མ་མི་རྩ་ཕུན་ཚོགས་བཀྲ་ཤིས་ཚང་གི་ཁྱིམ་གཞིས་ལ་བསྩལ་པའི་ལྷ་འདྲེའི་བཀའ་ཤོག ཀིརྟིའི་གཉེར་ཟུར་གླིང་བ་ཨ་ཁུསེངྒེ་ལ་བསྩལ་པའི་ལྷ་འདྲེའི་བཀའ་ཤོག་སོགས་བཀའ་ཤོག ཞལ་འདོན་ཕྱོགས་བསྒྲིགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལས་དང་པོ་བ་རྣམས་ལ་ཉེ་བར་མཁོ་བའི་ཞལ་འདོན་ནག་འགྲོས་སུ་བཀོད་པ་སོགས་ཞལ་འདོན་གསུམ་བཅས་བཞུགས། ཕབ་ལེན་བྱེད་ས།

                                                                                    

Book 08 Page 001 Desktop Resolution

མཚན་བྱང་།    ཐེམ་སྐས་ཉེར་དྲུག སྨད་ཆ།

མཛད་པ་པོ།    ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།       གཉན་ཚེམ་བུ་པའི་ལུགས་ཀྱི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར། 

                  འདིར་དངོས་གཞིའི་ཆོས་སྐོར་ཐེམ་སྐས་བཅུ་བཞི་པ་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་སྐབས་ཀྱི་བདགབསྐྱེད་རྒྱུན་འཁྱེར་བསྡུས་པ་བདུད་རྩིའི་ཟེགས་མ་ལས་ཟུར་འདོན་ཞེས་པ་སོགས་དང་། མཇུག་གི་ཆོས་སྐོར། ཐེམ་སྐས་བཅོ་བརྒྱད་པ་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ཉེས་ལྟུང་སྲེག་པའི་མཆོད་སྦྱིན་ཞེས་པ་སོགས་ཐེམས་སྐས་བཅུ་བཞི་པ་ནས་ཉེར་དྲུག་པའི་བར་བཞུགས། ཕབ་ལེན་བྱེད་ས།

 

 

Book 07 Page 001 Desktop Resolution

མཚན་བྱང།          ཐེམ་སྐས་ཉེར་དྲུག སྟོད་ཆ།

མཛད་པ་པོ།        ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།          གཉན་ཚེམ་བུ་པའི་ལུགས་ཀྱི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར།

                      འདིར་ཆོས་སྐོར་གསུམ་ཡོད་པའི་སྤྱིའི་ཆོས་སྐོར་ལ། ཐུགས་རྗེ་ཆེན་པོ་གཉན་ཚེམ་བུ་པའི་ལུགས་ཀྱི་སྙན་བརྒྱུད་དམར་ཁྲིད་ཀྱི་ཆོས་འབྱུང་མུ་ཏིག་ཕྲེང་མཛེས་སོགས་ཐེམ་སྐས་གཉིས། སྔོན་འགྲོའི་ཆོས་སྐོར་ལ། སྔོན་འགྲོ་དང་པོ་དང་གཉིས་པ་སྐྱབས་འགྲོ་དང་སེམས་བསྐྱེད་འབུམ་གྲངས་གསོག་གི་ཆོ་ག་འཇུག་སྒོ་དང་པོ་གསེར་གྱི་སྒོ་མོ་སོགས་ཐེམ་སྐས་དགུ དངོས་གཞིའི་ཆོས་སྐོར་ལ། ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཀྱི་ཐོག་མར་བགེགས་ལ་གཏོར་མ་སྦྱིན་པ་དང་མཚམས་ཐོ་བསྐྱེད་ཆོག་སོགས་ཐེམ་སྐས་གཉིས་བཅས་བཞུགས། ཕབ་ལེན་བྱེད་ས།

 

 

Book 06 Page 001

མཚན་བྱང་།        ལུགས་ཟུང་གསུང་བཤད་བསླབ་བཏུས།

མཛད་པ་པོ།         ༸སྐྱབས་རྗེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།             ལུགས་ཟུང་བསླབ་བྱ།

               འདིར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐབས་བཞི་པའི་སློབ་ཐོན་པའི་མཛད་སྒོ་དང་གྲྭ་ཚང་འདིའི་སློབ་ཚན་ལ་སྒྱུར་བཅོས་གཏོང་དགོས་པའི་ལམ་སྟོན་བཅས་འདི་གའི་བླ་གྲྭ་འདུས་མང་ལ་བསྩལ་པའི་བཀའ་སློབ་ཁག་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྔོན་འགྲོའི་ཚོགས་པ་གསར་ཚུགས་ཀྱི་མཛད་སྒོའི་ཐོག་བསྩལ་པའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ། ཀིརྟིའི་དགེ་རྩ་ཚོགས་པ་དངོས་སུ་དབུ་བརྙེས་པའི་མཛད་སྒོའི་ཐོག་བསྩལ་པའི་བཀའ་སློབ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་ཆེན་ཐེངས་སུམ་ཅུ་སོ་དགུ་པའི་ཐོག་བསྩལ་པའི་བཀའ་སློབ། ཀོས་ལི་མི་ན་ལེའི་ས་གནས་བོད་རིགས་སེར་སྐྱ་མི་མང་ལ་བསྩལ་བའི་བཀའ་སློབ། པ་ཏི་ཀུ་ལའི་བོད་ཕྲུག་ཁྱིམ་སྡེའི་དགེ་སློབ་ཡོངས་ལ་བསྩལ་པའི་བཀའ་སློབ། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་བརྒྱུད་གཞིས་ལུས་རྒྱ་ཆེའི་མི་མང་ལ་རང་གི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་། བོད་རིགས་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དགོས་པའི་སྐོར་ལ་བསྩལ་པའི་བཀའ་སློབ། སྟག་ཚང་ལྷ་མོ་དང་དགེ་ལྡན་ལེགས་བཤད་གླིང་གི་དགེ་བསྐོས་གཉིས་ལ་ཐུན་མོང་དུ་བསྩལ་པའི་བཀའ་སློབ། བོད་ཕྱི་ནང་གཉིས་ནས་ྋསྐྱབས་མཆོག་རིན་པོ་ཆེའི་བརྟན་བཞུགས་ལ་ཆེད་ཕེབས་ཀྱི་སེར་སྐྱ་མི་མང་ལ་སྔ་ཕྱིར་བསྩལ་པའི་བཀའ་སློབ་བཅས་བསྡོམས་བཀའ་སློབ་ཁག་བཅུ་བཞི་བཞུགས།  ཕབ་ལེན་བྱེད་ས།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.