IMG 0066༄༅།། བོད་རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་ཉིན་ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་། རྨེའུ་རུ་མའི་འཇམ་དབྱངས་ཆོས་འཕེལ་ཁྱིམ་ཚང་སོགས་ནས་བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་གནས་མཆོག་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་དང་འབྲེལ་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས།

དེ་ཡང་ལོ་གསར་པའི་ཞོགས་པའི་ཐོ་རངས་ཙམ་ལ་དགེ་རྩ་ཚོགས་པའི་རྒྱུན་ལས་དང་ཀིརྟིའི་བྱེས་པ་གྲྭ་ཚང་ལས་སྣེ་ལྷན་རྒྱས་སོགས་འབྲེལ་ཡོད་བླ་གྲྭ་སེར་སྐྱ་སྤྱི་སྒེར་དུ་མ་ནས་༸ཁོང་རིན་པོ་ཆེ་མཆོག་ལ་ལོ་གསར་འཚམས་ཞུ་ཕུལ་རྗེས་རྗེས་༧ཁོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡོར་གདན་དུ་འབྱོར་བའི་བླ་གྲྭ་ཡོངས་རྫོགས་གཟིམ་ཆུང་དུ་ལྷན་ཚོགས་ཀྱིས་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཚེས་གཏོར་གསུངས། ཆུ་ཚོད་ ཐོག་ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་དང་གྲྭ་ཚང་གི་ལས་སྣེ་རྣམ་པས་སྤོས་སྣེ་དང་བཅས་༸ཁོང་རིན་པོ་ཆེ་གཟིམ་གུར་ཆེ་བའི་ནང་གདན་ཞུས་ཀྱིས་༸མགོན་པོ་གང་ཉིད་དགུང་གྲངས་གྱ་གཅིག་གི་དགུང་ཀེག་ལས་ཡོངས་སུ་གྲོལ་བའི་དགའ་སྟོན་དང་ཆབས་ཅིག གནས་མཆོག་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་དང་འབྲེལ་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༸ཁོང་རིན་པོ་ཆེས་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་མང་ཚོགས་ལ་ལོ་གསར་འཚམས་འདྲི་དང་འབྲེལ་བཀའ་སློབ་དང་། དེར་འདུས་སེར་སྐྱ་ཀུན་ལ་ལོ་གསར་གྱི་མཇལ་ཁ་སྩལ། ཉིན་གུང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། བཀའ་ཟུར་སྐུ་ངོ་བསྟན་པ་ཚེ་རིང་མཆོག་གཏན་ཞལ་རྣམ་གཉིས་དང་། རྡོར་གདན་མཆོད་རྟེན་འགན་འཛིན་སྣང་མཛད་རྡོ་རྗེ་ལགས་གཏན་ཞལ། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་གཏན་ཞལ། སྤྱི་ཟུར་རྨེའུ་མགོན་པོ་མཚོ་དང་རྨེའུ་དོན་འགྲུབ་མཚོ། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་གཏན་ཞལ་སོགས་ཕྱི་ནང་གི་སྐུ་མགྲོན་གནད་ཡོད་དུ་མ་དང་། ཐག་ཉེ་རིང་ནས་ཆེད་དུ་འབྱོར་བའི་འབྲེལ་ཡོད་སེར་སྐྱ་ཕོ་མོ་ལྔ་བཅུ་ཡས་མས་དང་ལྷན་དུ་བཞུགས་གུར་ནང་གསོལ་ཚིགས་མཉམ་བཞེས་དང་དགྱེས་བརྩེའི་བཀའ་མོལ་ལྷུག་པོར་གནང་སྟེ་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དང་། མཇུག་ཏུ་སྐུ་པར་ལྷན་བསྒྲོན་མཛད།

     བོད་ཚེས་ ཉིན་གྱི་སྔ་དྲོ་གནས་ཆུང་རྒྱལ་པོ་ལྷ་ཚེས་ཁེལ་བར་བརྟེན། གཟིམ་ཆུང་དུ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཕེབས་པའི་མཁན་བླ་སྤྲུལ་རྣམས་ལྷན་འཛོམས་ཀྱིས་༧རྒྱལ་པོ་གོང་འོག་གི་གསོལ་མཆོང་དང་གཤེགས་གཏོར། བསངས་གསོལ་རྒྱས་པ་བཅས་གནང་།

       བོད་ཚེས་ ཉིན་གྱི་སྔ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་བཞུགས་པའི་ཐུབ་དབང་གི་སྐུ་བརྙན་རིན་པོ་ཆེའི་མདུན་དུ་མཆོད་འབུལ་དང་། དེ་རྗེས་མཉམ་མེད་ཐུབ་པའི་དབང་པོས་མངོན་པར་རྫོགས་པ་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་པའི་གནས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་འབྲེལ་ཡོད་སེར་སྐྱ་མཉམ་འདུས་ཀྱིས། སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང་འགྲོ་ཀུན་བདེ་བ། འབྲེལ་ཡོད་འདས་གསོན་ཡོངས་ཀྱི་ཆེད་བླ་མ་མཆོད་པ་དང་འབྲེལ་མཆོད་འབུལ་སྨོན་ལམ་གཟབ་རྒྱས་འབུལ་ལམ་ཞུས།

 

2023.2.21 14 2023.2.21 2 2023.2.21 1
2023.2.21 13 2023.2.21 6 2023.2.21 10
2023.2.23 1 2023.2.23 2 2023.2.23 5

2023.2.21 7

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.