ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༩ ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་མང་པོའི་མཁན་རིན་པོ་ཆེ་དང་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་ཧ་ཅང་མང་པོ་མཉམ་འཛོམས་གྱིས་རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་སྐོར་བགྲོ་གླེང་གནང་སྐབས་ཀྱི་སྐུ་པར་ཁག་ཅིག

༄༅།། བོད་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་ལ་ཆེད་དུ་དམིགས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ དང་། བོད་ཟླ་ ༡༡ ཚེས་ ༨ ནས་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་སྨོན་ལམ་ཆེན་མོ་ཉིན་གསུམ་ལ་ཚོགས་སྐབས་ཀྱི་ཉིན་གཉིས་པའི་འདྲ་པར་དང་མཛད་རིམ་ཁག

 

སྨོན་ལམ་ཆེན་མོ་ཉིན་གཉིས་པ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༩ བོད་ཟླ་ ༡༡ ཚེས་ ༡༠ སྨོན་ལམ་ཆེན་མོ་ཉིན་གཉིས་པའི་མཛད་རིམ།
༡༽ ཞོགས་པ་ཆུ་ཚོད་ ༦ པའི་ཐོག་ཕྱོགས་གཞན་དུ་བཞུགས་པའི་དགེ་འདུན་པ་རྣམས་བཞུགས་གནས་སོ་སོ་ནས་བསམ་ཡས་གླིང་དུ་གདན་འདྲེན་ཞུ་རྒྱུ་དང་། ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༡༥ བར་ཞོགས་ཚོགས་མང་ཇ།
༢༽ ཆུ་ཚོད་ ༨།༣༠ ནས་ཆུ་ཚོད་ ༩།༤༥ བར་གསུང་ཆོས་རྭ་བ་སྟེ་རྡོ་གཅལ་སྟེང་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་བཤེས་གསུམ་གྱིས་ཚད་མའི་དམ་བཅའ་འཇོག
༣༽ ཆུ་ཚོད་ ༡༠།༠༠ ནས་ཆུ་ཚོད་ ༡༡།༠༠ བར་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་གསུང་ཆོས་རྭ་བའམ་རྡོ་གཅལ་གྱི་སྟེང་ནས་སྔ་སྲོལ་ལྟར་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་གནང་མཛད།
༤༽ ཉིན་གུང་ཆུ་ཚོད་ ༡༡།༡༥ ནས་ཆུ་ཚོད་ ༡༢།༡༥ བར་གུང་ཚིགས་མང་ཇ།
༥༽ ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ཆུ་ཚོད་ ༡།༣༠ བར་དབུ་མ་དང་ཕར་ཕྱིན་གྱི་དམ་འཇོག
༦༽ ཉིན་རྒྱབ་ཆུ་ཚོད་ ༡།༤༥ ནས་ཆུ་ཚོད་ ༤།༤༥ བར་བསམ་ཡས་གླིང་གཙུག་ལག་ཁང་དུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་སྨོན་ལམ་དངོས་གཞི་ཚོགས་གནང་མཛད།
༧༽ ཆུ་ཚོད་ ༥ ནས་ཆུ་ཚོད་ ༥།༤༥ བར་གཙུག་ལག་ཁང་དུ་དགོང་ཇ།
༨༽ དགོང་མོའི་ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༠༠ བར་བསམ་ཡས་གླིང་གཙུག་ལག་ཁང་གི་ཁྱམས་རྭའི་རྒྱལ་མཚན་དཀར་པོའི་འོག་ཏུ་དགེ་བཤེས་གསུམ་གྱིས་དམ་འཇོག་དངོས་གཞི་སྟེ་འདུལ་མཛོད་ཀྱི་དམ་འཇོག་དང་། དེ་གྲུབ་པ་དང་བསྟན་པ་རྒྱས་པའི་སྨོན་ལམ་དང་ཆོས་རྒྱལ་མ་སོགས་གསུང་ནས་སྨོན་ལམ་ཉིན་གཉིས་པ་ལེགས་པར་གྲུབ།

 

 

༄༅།། བོད་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་ལ་ཆེད་དུ་དམིགས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ དང་། བོད་ཟླ་ ༡༡ ཚེས་ ༨ ནས་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་སྨོན་ལམ་ཆེན་མོ་ཉིན་གསུམ་ལ་ཚོགས་སྐབས་ཀྱི་ཉིན་གསུམ་པའམ་ཉིན་མཐའ་མའི་འདྲ་པར་དང་མཛད་རིམ་ཁག

 

སྨོན་ལམ་ཆེན་མོ་ཉིན་གསུམ་པའམ་ཉིན་མཐའ་མ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༠ བོད་ཟླ་ ༡༡ ཚེས་༡༡ སྨོན་ལམ་ཆེན་མོ་ཉིན་གསུམ་པའམ་ཉིན་མཐའ་མའི་མཛད་རིམ།
༡༽ ཞོགས་པ་ཆུ་ཚོད་ ༦ པའི་ཐོག་ཕྱོགས་གཞན་དུ་བཞུགས་པའི་དགེ་འདུན་པ་རྣམས་བཞུགས་གནས་སོ་སོ་ནས་བསམ་ཡས་གླིང་དུ་གདན་འདྲེན་ཞུ་རྒྱུ་དང་། ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༡༥ བར་ཞོགས་ཚོགས་མང་ཇ།
༢༽ ཆུ་ཚོད་ ༨།༣༠ ནས་ཆུ་ཚོད་ ༩།༤༥ བར་གསུང་ཆོས་རྭ་བ་སྟེ་རྡོ་གཅལ་སྟེང་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་བཤེས་གཉིས་ཀྱིས་ཚད་མའི་དམ་བཅའ་འཇོག
༣༽ ཆུ་ཚོད་ ༡༠།༠༠ ནས་ཆུ་ཚོད་ ༡༡།༠༠ བར་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་གསུང་ཆོས་རྭ་བའམ་རྡོ་གཅལ་གྱི་སྟེང་ནས་སྔ་སྲོལ་ལྟར་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་གནང་མཛད།
༤༽ ཉིན་གུང་ཆུ་ཚོད་ ༡༡།༡༥ ནས་ཆུ་ཚོད་ ༡༢།༡༥ བར་གུང་ཚིགས་མང་ཇ།
༥༽ ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ཆུ་ཚོད་ ༡།༣༠ བར་དབུ་མ་དང་ཕར་ཕྱིན་གྱི་དམ་བཅའ་འཇོག
༦༽ ཉིན་རྒྱབ་ཆུ་ཚོད་ ༡།༤༥ ནས་ཆུ་ཚོད་ ༤།༤༥ བར་བསམ་ཡས་གླིང་གཙུག་ལག་ཁང་དུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་སྨོན་ལམ་དངོས་གཞི་ཚོགས་གནང་མཛད།
༧༽ ཆུ་ཚོད་ ༥ ནས་ཆུ་ཚོད་ ༥།༤༥ བར་གཙུག་ལག་ཁང་དུ་དགོང་ཇ།
༨༽ དགོང་མོའི་ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༠༠ བར་བསམ་ཡས་གླིང་གཙུག་ལག་ཁང་གི་ཁྱམས་རྭའི་རྒྱལ་མཚན་དཀར་པོའི་འོག་ཏུ་དགེ་བཤེས་གཉིས་ཀྱིས་དམ་འཇོག་དངོས་གཞི་སྟེ་མཛོད་འདུལ་གྱི་དམ་བཅའ་འཇོག་དང་། དེ་གྲུབ་པ་དང་བླ་མ་གཞུང་གླེང་པས་ཚིག་བཀྲ་བསྐྱོར། ཐམས་ཅད་སྒོར་ཚོགས་ཀྱིས་རྒྱལ་བ་མ་ལུས་མ་དང་ཆོས་རྒྱལ་མ་སོགས་གསུངས་ནས། དྷཱིཿ སྐད་ལན་གསུམ་དང་བཅས་སྐབས་འདིའི་སྨོན་ལམ་ཆེན་མོ་ལེགས་པར་གྲུབ་ཡོད།

 

 

༄༅།། བོད་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་ལ་ཆེད་དུ་དམིགས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ དང་། བོད་ཟླ་ ༡༡ ཚེས་ ༨ ནས་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་སྨོན་ལམ་ཆེན་མོ་ཉིན་གསུམ་ལ་ཚོགས་སྐབས་ཀྱི་ཉིན་དང་པོའི་འདྲ་པར་དང་མཛད་རིམ་ཁག

 

སྨོན་ལམ་ཆེན་མོ་ཉིན་དང་པོ།

༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་གྱི་ཉིན་མོ་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༨ བོད་ཟླ་ ༡༡ ཚེས་ ༩ སྨོན་ལམ་ཆེན་མོ་ཉིན་དང་པོའི་མཛད་རིམ།
༡༽ ཞོགས་པ་ཆུ་ཚོད་ ༦ པའི་ཐོག་ཕྱོགས་གཞན་དུ་བཞུགས་པའི་དགེ་འདུན་པ་རྣམས་བཞུགས་གནས་སོ་སོ་ནས་བསམ་ཡས་གླིང་དུ་གདན་འདྲེན་དང་བཅས། ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༡༥ བར་ཞོགས་ཚོགས་མང་ཇ།
༢༽ ཆུ་ཚོད་ ༨།༣༠ ནས་ཆུ་ཚོད་ ༩།༤༥ བར་གསུང་ཆོས་རྭ་བ་སྟེ་རྡོ་གཅལ་སྟེང་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་བཤེས་གསུམ་གྱིས་ཚད་མའི་དམ་འཇོག
༣༽ ཆུ་ཚོད་ ༡༠།༠༠ ནས་ཆུ་ཚོད་ ༡༡།༠༠ བར་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་གསུང་ཆོས་རྭ་བའམ་རྡོ་གཅལ་གྱི་སྟེང་ནས་སྔ་སྲོལ་ལྟར་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་གནང་མཛད།
༤༽ ཉིན་གུང་ཆུ་ཚོད་ ༡༡།༡༥ ནས་ཆུ་ཚོད་ ༡༢།༡༥ བར་གུང་ཚིགས་མང་ཇ།
༥༽ ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ཆུ་ཚོད་ ༡།༣༠ བར་དབུ་མ་དང་ཕར་ཕྱིན་གྱི་དམ་འཇོག
༦༽ ཉིན་རྒྱབ་ཆུ་ཚོད་ ༡།༤༥ ནས་ཆུ་ཚོད་ ༤།༤༥ བར་བསམ་ཡས་གླིང་གཙུག་ལག་ཁང་དུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་སྨོན་ལམ་དངོས་གཞི་ཚོགས་གནང་མཛད།
༧༽ ཆུ་ཚོད་ ༥ ནས་ཆུ་ཚོད་ ༥།༤༥ བར་གཙུག་ལག་ཁང་དུ་དགོང་ཇ།
༨༽ དགོང་མོའི་ཆུ་ཚོད་ ༦།༣༠ ནས་ཆུ་ཚོད་ ༨།༠༠ བར་བསམ་ཡས་གླིང་གཙུག་ལག་ཁང་གི་ཁྱམས་རྭའི་རྒྱལ་མཚན་དཀར་པོའི་འོག་ཏུ་དགེ་བཤེས་གསུམ་གྱིས་དམ་འཇོག་དངོས་གཞི་སྟེ་བླ་མ་གཞུང་གླེང་པས་བཀའ་པོད་ལྔའི་ས་བཅད་བསྐྱོར་ནས་འདུལ་མཛོད་ཀྱི་དམ་འཇོག་དང་། དེ་གྲུབ་པ་དང་རྒྱལ་བ་མ་ལུས་མ་དང་ཆོས་རྒྱལ་མ་སོགས་གསུང་ནས་སྨོན་ལམ་ཉིན་དང་པོ་ལེགས་པར་གྲུབ།

 

 

 

 

02 copy

0021༄༅།། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་སྐྱབས་སེམས་སྔོན་དུ་བཏང་ནས་གནས་བཅུ་དང་འབྲེལ་ཞབས་བརྟན་གསོལ་འདེབས་འུར་འདོན་གནང་ཞིང་། མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྤྲི་གོར་བགོ་འགྲེམས་སོགས་ཀྱི་ལམ་ནས། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་འདྲ་པར་དང་བརྙན་འགའ་འདིར་ཕུལ་ཡོད། 

དེང་སྐབས་ཀྱི་གྲྭ་ཚང་གི་པར་རིས་ཁག་ཅིག

གྲྭ་ཚང་གི་པར་རིས་རྙིང་པ་ཁག་ཅིག

༄༅།། བོད་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་ལ་ཆེད་དུ་དམིགས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ དང་། བོད་ཟླ་ ༡༡ ཚེས་ ༨ ནས་ཉིན་གསུམ་ཀིརྟིའི་སྒར་བསམ་ཡས་གླིང་གི་སྨོན་ལམ་ཆེན་མོ་ཚོགས་སྐབས་ཀྱི་ཡར་ཚོགས་ཉིན་གྱི་འདྲ་པར་ཁག

 

      ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ བོད་ཟླ་ ༡༡ ཚེས་ ༨ བླ་གཟའ་མིག་དམར་ཉིན་གྱི་སྔ་དྲོ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རྡོར་གདན་གནམ་ཐང་ནས་བཞུགས་གནས་ཀིརྟིའི་མགྲོན་དུ་ཕེབས་སྐབས་དགེ་འདུན་འདུས་མང་དང་། ཕྱོགས་སོ་སོ་ནས་ཕེབས་པའི་སྦྱིན་བདག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་བཀའ་གདམས་རིན་ཆེན་སྤུངས་པའི་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོའི་ཡར་ཚོགས་ཚོགས་གནང་།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.