- ཀློག་གྲངས་: 13778

༄༅།། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་དུ་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་འཛམ་གླིང་ཡོངས་ལ་མིག་མཐོང་ལག་ཟིན་དུ་སྤེལ་བཞིན་པ་དང་། ལྷག་པར་དུ་བར་ལམ་ནས་སྒྲིག་འཛུགས་ལྡན་པའི་སྒོ་ནས་གདུག་རྩུབ་ཅན་གྱི་ལས་འགུལ་དམིགས་བསལ་ཤུགས་ཆེན་པོས་སྤེལ་བཞིན་པ། བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་ཀྱི་འོག་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་ནང་ཆོས་ཀྱི་ཁྲིམས་ལུགས་བཅས་ལའང་སྒོ་སྣ་ཚོགས་ནས་བསྒྱུར་བཅོས་དང་ཚད་འཛིན་བྱས་ཏེ། ཆོས་མེད་དམར་པོའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་རང་བཞིན་གསར་བཏོད་ལྟ་བུ་བྱེད་བཞིན་པ་ནི་བློ་འཚབ་བྱེད་དགོས་པའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡིན།
- ཀློག་གྲངས་: 7438
གནས་ཡུལ་རྒྱལ་ཁབ་གཙོ་བོར་གྱུར་པའི་འཛམ་གླིང་གི་ཡུལ་གྲུ་མང་པོར་ཏོག་གསར་ནད་ཡམས་ཀྱི་དབང་གིས་རྒྱུན་ལྡན་མ་ཡིན་པའི་སྤྱི་ཚོགས་ཀྱི་སྒྲིགས་སྲོལ་མང་པོ་ཞིག་ཁྲིམས་སུ་བཅས་ཡོད་པ་དགོངས་མངའ་བཞིན། འདི་ལོར་གུས་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་ཚེས་དང་སྟབས་བསྟུན་ནས་༸ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་བརྟན་དུ་དམིགས་ནས་ཉམ་ཐག་ལ་རོགས་སྐྱོར་སོགས་ཀྱི་དགེ་བའི་ལས་ལ་ཡུལ་ཁྲིམས་དང་མཐུན་པའི་སྒོ་ནས་ཇི་ལྟར་འབད་རྒྱུའི་སྐོར་ལ་ཀིརྟིའི་དགེ་རྩ་ཚོགས་པ་ནས་བཏང་བའི་གསལ་བསྒྲགས་འདི་བཞིན་དགོངས་འཇགས་འཚལ།
- ཀློག་གྲངས་: 4632
༄༅།།གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །
ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བཞི་པའི་སྐབས་སུ་འདུས་ཤིང་ཚོགས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། ཚོགས་འདུ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན། འགན་འཛིན་ལྷན་ཚོགས་ལ་སོགས་པའི་སྡེ་ཚན་སོ་སོའི་ལས་ཀྱི་སྣེ་མོར་གཏོགས་པ། སྐུ་མགྲོན་རྣམ་པ། གསར་འགོད་པ་རྣམ་པ།ཟུར་ཉན་པ་རྣམ་པ་ཚང་མ་ལ་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་འདིའི་ཐོག་ད་ལྟ་གོང་དུ་ཐོག་མར་ཚོགས་འདུའི་དམིགས་ཡུལ་དང་དགོས་པའི་ངོ་སྤྲོད། འདས་པའི་ལོ་གསུམ་རིང་གི་ཕྱག་ལས་གནང་བའི་ལས་བསྡོམས་སྙན་ཐོ། དཔལ་འབྱོར་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དྭངས། དེ་བཞིན་ལས་དོན་འཕྲོ་ལྷག་ཡོད་པ་དང་། འབྱུང་འགྱུར་གྱི་བྱེད་འཆར་ཁག་སྙན་གསན་ཞུས་པ་བཞིན་ཚང་མར་མཁྱེན་རྟོགས་བྱུང་ཡོད།
- ཀློག་གྲངས་: 12212
ལོ་རེའི་ཕྱི་ཟླ་༨ ཚེས་༨ ཉིན་ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ད་ལོ་སྐུའི་འཁྲུངས་ཡུལ་གཟའ་རུ་རོང་འབྲོང་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་པ་གྲངས་བདུན་གྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་སྒྲུབ་ཉིན་བདུན་སྔོན་སོང་གི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།
- ཀློག་གྲངས་: 13832
༄༅།། གུས་ཅག་ཅག་གི་འདྲེན་པ་ཆེན་པོ་རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གི་ཆོས་ཀྱི་མཆེད་གྲོགས་དམ་པ་༧སྐྱབས་རྗེ་རྡོ་བུམ་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་༧ཁོང་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་ལྟར་ཀིརྟིའི་དགེ་རྩ་ཚོགས་པའི་ངོས་ནས་ཞིང་གཤེགས་དམ་པ་གང་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་འདི་ག་གྲྭ་ཚང་དུ་སྤྱོད་འཇུག་ཆེན་མོ་དང་། སྨོན་ལམ་སོགས་འདོན་སྐུལ་གནང་བར་དགེ་འདུན་འདུས་མང་ལྷན་ཚོགས་གནང་།
- ཀློག་གྲངས་: 6676
༄༅།། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ངེས་སྟོན་པ་དང་སློབ་སྤྱིའི་མཚན་ཐོག་ཏུ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༤ ཉིན་གཏན་འབེབས་གནང་བའི་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་སྐོར་གྱི་གྲོས་ཆོད་དང་བཅས་པའི་ཕྱག་བྲིས། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༢ ཉིན་འཁོད་པ་ཞིག་གནང་སོན་བྱུང་བ་ལྟར། འདི་གའི་གྲྭ་ཚང་ནས་དེ་དོན་གལ་ཆེ་དོན་ཆེར་བརྩིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཡིག་ཚང་བརྒྱུད་བཀའ་ལན་༸སྙན་ཞུ་འབྲེལ་ཡོད་ལོ་རྒྱུས་དང་བཅས་ཕུལ་བར་འབྱོར་ལན་འཕྲལ་དུ་གནང་བྱུང་བས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ང་ཚོའི་༸སྙན་ཞུ་དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བསྟན་བདག་བླ་ཆེན་རྣམ་པས་གཙོས་ཚོགས་མི་རྣམ་པར་༸སྙན་སེང་ཞུས་ཡོད་ཤག་དང་། ཁོང་རྣམ་པས་དངོས་ཡོད་གནས་ཚུལ་ཇི་བཞིན་མཁྱེན་ཡོད་ཤག་དང་དགོངས་པ་དྭངས་གསལ་བྱུང་ཡོད་ཤག་བྱས་ནས་དེའི་སྐོར་ང་ཚོའི་ངོས་ནས་བསྐྱར་དུ་ཞུ་བའི་འབད་བརྩོན་མ་བྱས་པར་དེ་མུར་བཞག་ཡོད།
འོན་ཀྱང་ཟླ་བ་གསུམ་ལྷག་སོང་བའི་རྗེས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༨ ཉིན་་་་་་་་་་ཡིག་ཆ་ཚང་མ་འདི་ནས་གཟིགས་ཐུབ།
- ཀློག་གྲངས་: 4162
༄༅།། གུས་ཅག་གཞིས་བྱེས་གཉིས་འཁོད་ཀྱི་འབྲེལ་ཡོད་སློབ་བརྒྱུད་དུ་གཏོགས་པ་ཐམས་ཅད་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་བླ་ན་མ་མཆིས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སྐུ་གཟི་བྱིན་ལྷམ་མེར་བོད་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ལྕགས་མོ་གླང་ལོའི་ལོ་གསར་ལ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མི་འགྱངས་པར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་གཅིག་བུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཆོས་ཀྱི་མགྲོན་ས་ཆེན་པོར་གསེར་ཞལ་མྱུར་དུ་བསྒྱུར་བའི་སྨོན་འདུན་བཅས་བོད་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུ་པར་ཐོག་མ་འདི་ཉིད་འབྲེལ་ཡོད་ཀུན་ལ་དད་རྟེན་དུ་ཕུལ། གཞན་ཡང་གུས་ཅག་སློབ་བརྒྱུད་ཐུན་མོང་ལ་གནང་བའི་ལོ་གསར་པའི་འཚམས་འདྲིའི་གསུང་འཕྲིན་ཡང་འདིར་མཉམ་སྦྱར་ཞུས་ཡོད།
- ཀློག་གྲངས་: 4431
༄༅།།བོད་རྒྱལ་ ༢༡༥༠ ཟླ་ ༡༠ ཚེས་ ༢༥ དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༧ ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ་ཁེལ་བའི་ཞོགས་པ་སྔ་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཞིང་རྩེ་རྣམ་རྒྱལ་གྲྭ་ཚང་གིས་ཐུགས་འགན་བཞེས་ཏེ་བླ་མ་མཆོད་པ་དང་རྗེའི་གསང་རྣམ། གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་སོགས་གསུངས་ཏེ་ཞོགས་པའི་ཆུ་ཚོད་༧:༣༠ནས་བཅུ་པ་བར་སྨོན་ལམ་མཆོད་འབུལ་རྒྱས་པ་གནང་བར་གྲྭ་ཚང་གི་མཁན་བླ་གྲྭ་ཡོངས་ཚོགས་ཕེབས་དང་། དེ་རྗེས་འདི་ག་གྲྭ་ཚང་དུ་སྔ་སྲོལ་ལྟར་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་མཆོད་པ་དང་རྗེའི་གསང་བའི་རྣམ་ཐར་སོགས་གསུངས་ནས་དུས་ཚོད་གཅིག་དང་ཕྱེད་ཙམ་ལ་སྨོན་ལམ་མཆོད་འབུལ་དང་།
- ཀློག་གྲངས་: 21412
༄༅།། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་གཉེར་བ་སྤྱི་དང་དམིགས་བསལ་དོ་སྣང་ཅན་གྱི་དགེ་འདུན་པ་རྣམས་ལ་གྲྭ་ཚང་གི་ཚོམས་ཆེན་དུ་<<གཞུང་ཆེན་བཀའ་པོད་ལྔ་དང་ལྷག་པར་ཚད་མ་རྣམ་འགྲེལ་གྱི་གཞུང་ཆེན་ལ་སློབ་གཉེར་གནང་དགོས་པའི་གལ་ཆེའི་རང་བཞིན།>>ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གསུང་བཤད་གནང་བ།



