2023.12.7 005༄༅།།བོད་རྒྱལ་ ༢༡༥༠ ཟླ་ ༡༠ ཚེས་ ༢༥ དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༧ ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ་ཁེལ་བའི་ཞོགས་པ་སྔ་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཞིང་རྩེ་རྣམ་རྒྱལ་གྲྭ་ཚང་གིས་ཐུགས་འགན་བཞེས་ཏེ་བླ་མ་མཆོད་པ་དང་རྗེའི་གསང་རྣམ། གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་སོགས་གསུངས་ཏེ་ཞོགས་པའི་ཆུ་ཚོད་༧:༣༠ནས་བཅུ་པ་བར་སྨོན་ལམ་མཆོད་འབུལ་རྒྱས་པ་གནང་བར་གྲྭ་ཚང་གི་མཁན་བླ་གྲྭ་ཡོངས་ཚོགས་ཕེབས་དང་། དེ་རྗེས་འདི་ག་གྲྭ་ཚང་དུ་སྔ་སྲོལ་ལྟར་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་མཆོད་པ་དང་རྗེའི་གསང་བའི་རྣམ་ཐར་སོགས་གསུངས་ནས་དུས་ཚོད་གཅིག་དང་ཕྱེད་ཙམ་ལ་སྨོན་ལམ་མཆོད་འབུལ་དང་།

ཕྱི་དྲོའི་ཆུ་ཚོད་དང་པོ་ནས་གཉིས་དང་ཕྱེད་བར་ཚོམས་ཆེན་ནང་དམ་བཅའ་ཚོགས་ཏེ་རྗེ་ཐམས་ཅད་མཁྱེན་པའི་གསུང་གི་དགོངས་དོན་ལས་བརྒལ་བརྟག་གིས་བཀའ་དྲིན་རྗེས་དྲན་ཞུས་པ་དང་། དགོང་མོ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ནས་གླིང་ཡོངས་ལ་གློག་མཆོད་སྣ་ཚོགས་དང་།བོད་རང་གི་སྲོལ་རྒྱུན་གྱི་མར་མེ་བཅས་ཀྱི་མཆོད་མེ་སྦར། ཆུ་ཚོད་བདུན་པ་ནས་དགའ་ལྡན་ལྷ་བརྒྱ་མ་འབྲེལ་བའི་དམིགས་བརྩེ་མ་རྒྱང་འཐེན་གནང་། དེ་རྗེས་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་གསུམ་གྱི་སྐུ་ཐང་ཆེན་མོའི་མདུན་དུ་སྤྱན་འདྲེན་ཁྲུས་གསོལ་རྒྱས་པ་དང་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་བཅས་གསུངས་གྲུབ་རྗེས་སྐུ་ཐང་ཆེན་མོར་མཁན་རིན་པོ་ཆེས་དབུས་པའི་བླ་གྲྭ་ཡོངས་དང་། ཕྱི་ནང་ཀུན་ནས་འདུས་པའི་སེར་སྐྱ་ཡོངས་ཀྱིས་མཇལ་ཁ་ཞུས། དེ་ནས་གྲྭ་མང་འདུ་ཁང་དུ་ཚོགས་ནས་བསྟན་བཅོས་མངོན་རྟོགས་རྒྱན་དང་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་བཅས་གསུངས་རྗེས་ཕྱག་མཆོད་ཕུལ་ཏེ་ཉིན་གཅིག་གི་རྣམ་དཀར་དགེ་བའི་ལས་གང་བགྱིས་པ་ཐམས་ཅད་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུ་འབའ་ཞིག་ཏུ་བསྔོ་བར་མཛད་ནས་གྲྭ་མང་ལྷན་ཚོགས་ཀྱི་རིམ་པ་རྣམས་ལེགས་པར་གྲུབ།

 

2023.12.7 1 2023.12.7 2 2023.12.7 5
2023.12.7 4 2023.12.7 7 2023.12.7 8
2023.12.7 10 2023.12.7 11 2023.12.7 12
 2023.12.7 13

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.