IMG 2668 Desktop Resolution༄༅།། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་ཡོངས་ནས་འཛམ་གླིང་ཞི་བདེའི་དེད་དཔོན། གངས་ཅན་འགྲོ་བའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་རོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་།བདག་ཅག་སློབ་བརྒྱུད་ཡོངས་ཀྱི་འདི་ཕྱིའི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་རྣམ་གཉིས་ཀྱིས་

གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། འབྲེལ་ཐོགས་ཚེ་ལས་འདས་པ་རྣམས་ཀྱིས་ཚེ་རབས་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་པར་བརྒྱུད་དེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་འཐོབ་པ་དང་། ཚེ་དང་ལྡན་པ་རྣམས་ཀྱི་མི་འདོད་ཉེར་འཚེ་མཐའ་

IMG 2665 Desktop Resolutionདག་ཞི་ནས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རྟག་ཏུ་ལོངས་སྤྱོད་པ། གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱི་ཐུགས་མཐུན་ཁྲིམས་གཙང་ངོས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ཐོས་བསམ་སྒོམ་གསུམ་གྱི་ལས་གང་བསྒྲུབ་ཐམས་ཅད་གེགས་མེད་ལམ་ལྷོང་ཡོང་བ་བཅས་ལ་དམིགས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་པ་གསུམ་ལ་ཐུགས་དམ་ཞུས་པའི་བཀའ་ལན་རིམ་གྲོ་ཅི་ཕེབས་རྣམས་ཉིན་གྲངས་ཆ་བགོས་ཀྱིས་ཕྱི་ཟླ་ ༣ ཚེས་ ༥ ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་ནས་ཚེ་སྒྲུབ་ཉིན་ལྔ་དང་། སྨན་བླའི་མདོ་ཆོག་ཉིན་གཉིས། སྒྲོལ་མ་འབུམ་འདོན་ཉིན་བཞི། རྒྱལ་བའི་བཀའ་འགྱུར་ཆ་ཚང་དག་འདོན་ཉིན་བཞི། ཆོས་སྲུང་སོ་སོའི་བསྐང་གསོ་རྒྱས་པ། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་སོགས་ཕྱི་ཚེས་ ༢༢ བར་ཉིན་བཅོ་བརྒྱད་རིང་སྨིན་བསྒྲུབས་གནང་བ་དང་། ཕྱི་ཚེས་ ༢༣ ཉིན་ལོ་རེའི་བཞུགས་ཤག་རྒྱན་དཀྲུག་བྱེད་སྲོལ་ཡོད་པ་ལྟར་བགྱིས་ཏེ་ཉིན་གཉིས་ལ་གུང་སེང་དང་། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་འཛིན་གྲྭ་སོ་སོའི་འཛིན་ཁང་ཁག་གཙང་སྦྲ་བགྱིས།ཕྱི་ཚེས་ ༢༧ སྟེ། མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར་བའི་བཀྲ་ཤིས་པའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཕྱི་ལོ་ ༢༠༡༨ ལོའི་སློབ་འགོ་བཟུང་།

DSC 3679 Desktop Resolution DSC 3652 Desktop Resolution DSC 3661 Desktop Resolution

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.