ལོ་འདིའི་སློབ་གཉེར་གྱི་བྱེད་སྒོ་ཐ་མ་ཚད་མའི་དགུན་ཆོས་དང་ལོ་རྒྱུགས་འཁོར་རྒྱུགས་སྤྲོད་བཅས་ལེགས་པར་གྲུབ།
༄༅།། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ཉིན་སློབ་འགོ་བཟུང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཟླ་མཇུག་བར་ཟླ་གསུམ་གསུམ་གྱི་རྒྱུགས་སྤྲོད་ཁག་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ཤར་ནས་དབུ་མ་འཛིན་གྲྭ་ནས་ཁ་དོག་དཀར་དམར་བར་འཛིན་གྲྭ་ཁག་ལྔས་ཚད་མའི་དགུན་ཆོས་ལ་མཉམ་བཞུགས་གནང་སྟེ་ཉིན་གྲངས་ཉེར་ལྔའི་རིང་སྐབས་བབ་རྣམ་འགྲེལ་གྱི་གཞུང་ཚན་ཁག་ལ་ཁྲིད་རྩོད་ཟུང་འབྲེལ་གྱིས་ཚོགས། མཛོད་འདུལ་འཛིན་གྲྭ་གཉིས་ཀྱིས་དེའི་རིང་ལོ་འཁོར་རྒྱུགས་སྤྲོད་ཀྱི་རང་སྦྱོང་གནང་། ཕྱི་ཚེས་ ༢༨ ཉིན་དཔེ་ཁྲིད་དགེ་རྒན་རྣམས་དང་སློབ་གཉེར་པ་ཡོངས་རྫོགས་མཉམ་འཛོམས་ཐོག་སྔ་དྲོ་ཆོས་མཚམས་སྨོན་ལམ་ཚོགས་པ་དང་། ཕྱི་དྲོ་ནས་ཚད་མའི་དགུན་ཆོས་ལ་ཕེབས་མཁན་རྣམས་ཀྱིས་ཚད་མའི་རྒྱུགས་སྤྲོད་དང་། མཛོད་འདུལ་འཛིན་གྲྭ་གཉིས་ཀྱིས་ལོ་འཁོར་རྒྱུགས་སྤྲོད་བཅས་དབུ་འཛུགས་གནང་སྟེ། ཕྱི་ཚེས་ ༣༡ ཉིན་ལེགས་པར་གྲུབ། ཕྱི་ཟླ་ ༢ ཚེས་ ༡ ནས་ཆོས་མཚམས་ཆེན་མོ་ཡིན་པ་བཅས་སོ། །