04༄༅།། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༢ ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་བཅར་པ་རྣམས་ལ་ལམ་སྟོན་གསུང་བཤད་གནང་བ་དང་། ཕྱི་ཚེས་ ༢༣ དང་ ༢༤ ཉིན་གཉིས་ལ་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐེངས་གཉིས་པ་དངོས་སུ་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་ཚུགས་ནས། ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ བར་གྱི་ལས་བསྡོམས་དང་། བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་སོགས་ལ་འཐུས་མི་རྣམས་ཀྱིས་དོགས་འདྲི་དང་འབྲེལ་བསམ་ཚུལ་ལྷུག་བརྗོད་གནང་བ་ཁག་ལ་སྤྱི་ཁྱབ་རྒྱུན་ལས་གསུམ་ནས་ལས་དོན་དང་། རྩིས་ཁྲ་སོགས་ཀྱི་སྐོར་ནས་གསལ་བཤད་དང་ལན་འདེབས་བཅས་གནང་བ་དང་།

འབྱུང་འགྱུར་ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་གྱི་ཡོང་འཆར་ཚོད་དཔག་སྔོན་རྩིས་དང་འགྲོ་འཆར་ཚོད་དཔག་སྔོན་རྩིས་ལའང་གོང་བཞིན་བགྲོ་གླེང་ལྷུག་པོས་ལམ་ནས་ངེས་པ་འདྲོངས་པར་བྱས་ཏེ་མཐའ་མའི་བཀའ་འཁྲོལ་གཏན་འབེབས་གནང་བ་སོགས་ལོ་རེའི་འགན་འཛིན་གྲོས་ཚོགས་ཀྱི་ལས་དོན་ཁག་ལེགས་པར་གྲུབ་རྗེས། ཚོགས་བཅར་པ་ཡོངས་ནས་འགན་འཛིན་གྲོས་ཚོགས་ཐེངས་རྗེས་མའི་ཚོགས་གཙོ་བགྲེས་གཞོན་དང་། ཚོགས་དྲུང་གསུམ་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ།

 k 02  k 03
 k 05

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.