2022.9.15 9༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བཅའ་ཡིག་ཟུར་རྒྱན་དུ་གནང་བའི་སྒྲིག་གཞིའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༥ ནས་བཀའ་རམས་གསར་པ་དགེ་བཤེས་རྒྱུགས་སྤྲོད་ལོ་རིམ་གཉིས་པ་དང་དང་པོ་གཉིས་ཀྱི་ལོ་སྟོད་དགེ་བཤེས་རྒྱུགས་སྤྲོད་མགོ་འཛུགས་བྱས། ལོ་རིམ་གཉིས་པའི་བྲི་རྩོད་རྒྱུགས་ཀྱི་གཞུང་ཚན། འཕགས་བོད་མཁས་པའི་ཕར་ཕྱིན་རྩ་བ་དང་འགྲེལ་པའི་སྐོར་སྐབས་བཞི་པ་ཆ་ཚང་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་། རྩོད་རྒྱུགས་གཅིག དེ་བཞིན་མཛོད་རྩ་འགྲེལ་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་། རྩོད་རྒྱུགས་གཅིག ལོ་རིམ་དང་པོའི་བྲི་རྩོད་རྒྱུགས་ཀྱི་གཞུང་ཚན། འཕགས་བོད་མཁས་པའི་ཕར་ཕྱིན་རྩ་བ་དང་འགྲེལ་པའི་སྐོར་སྐབས་དང་པོའི་ཚོགས་སྒྲུབ་ཡན་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་།

རྩོད་རྒྱུགས་གཅིག དེ་བཞིན་དབུ་མ་ལ་འཇུག་པ་དང་རང་འགྲེལ་སོགས་འཕགས་བོད་མཁས་པའི་གཞུང་ལས་བདེན་གཉིས་ཡན་ལ་བྲི་རྒྱུགས་ཀ་སྡེ་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་།  རྩོད་རྒྱུགས་གཅིག་བཅས་འབུལ་བཞེས་ཀྱིས་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོ་ལོ་སྟོད་དགེ་བཤེས་རྒྱུགས་སྤྲོད་ལེགས་པར་གྲུབ། རྩོད་རྒྱུགས་ཀྱི་སྐབས་སོ་སོར་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་དང་། དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སློབ་གཉེར་པ་བཅས་ལྷན་འཛོམས་ཐོག་འཛིན་གྲྭའི་ལོ་རིམ་བཞིན་སྐབས་འབྲེལ་འཕགས་བོད་མཁས་པའི་གཞུང་ཚན་གང་རུང་ལ་རྩོད་རྒྱུགས་འབུལ་བཞེས་བྱ་དགོས།

2022.9.15 2 2022.9.15 3
2022.9.15 4 2022.9.15 5
 2022.9.15 6 2022.9.15 7
   

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.