2023.3.28 12༄༅།། ལོ་སར་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་གུང་སེང་སྐབས་ཀྱི་ལས་དོན་རྣམས་གྲུབ་པ་དང་། ལོ་གསར་པ་འདིའི་ནང་གི་བྱེད་སྒོ་མཐའ་དག་རིམ་བཞིན་འགོ་འཛུགས་བྱས་པའི་ཁྲོད་ཕྱི་ཟླ་ ཚེས་ ༡༢ ཉིན་ནས་གུང་སེང་ཆེན་མོ་ཚར་བ་དང་། ཕྱི་ཟླ་ ཚེས་ ༡༣ ནས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། བདག་ཅག་རྣམས་ཀྱི་མེ་ཏོག་གང་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་།

བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་བསྐྱེད་རླབས་པོ་ཆེ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། སྡེ་འདིར་གཏོགས་པའི་དགེ་འདུན་པ་རྒན་གཞོན་ཚང་མའི་སྐུ་ཚེ་ལ་ཉེ་ཞོ་མེད་པར་ཐུགས་མཐུན་ཁྲིམས་གཙང་ངོས་བསླབ་པ་སློབ་གཉེར་གཙོ་བོར་གྱུར་པའི་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་བསམ་པ་བཞིན་འགྲུབ་པ། འབྲེལ་ཡོད་བསྟན་པའི་སྦྱིན་བདག་འདས་གསོན་ཡོངས་ཀྱི་འདི་ཕྱི་དགེ་བའི་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་ལོ་འགོའི་ཞབས་རིམ་ཆེན་མོར། རྣམ་རྒྱལ་སྟོང་མཆོད་དང་། སྒྲོལ་མ་འབུམ་འདོན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག ཆོས་སྲུང་ཁག་གི་བསྐང་གསོ་རྒྱས་པ། སྒྲོལ་ཆོག་བརྒྱ་ཚར། ཛམ་དཀར་གཏེར་སྒྲུབ་སོགས་ཉིན་བཅུ་གཅིག་རིང་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་མང་ཡོངས་ནས་གནད་སྨིན་བསྒྲུབས་ཏེ། ཕྱི་ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་གྲྭ་ཚང་གི་ཁོར་ཡུག་ཡོངས་ལ་གཙང་སྦྲ་ལེགས་པར་བྱས་ཐོག་འཛིན་ཁང་སོགས་གྲ་སྒྲིག་ཚགས་སུ་ཚུད་པར་བྱས། རེས་གཟའ་མིག་དམར་ཉིན་ནས་ལོ་གསར་པའི་སློབ་འགོ་བཟུང་ཡོད་པ་བཞིན། ལོ་གཅིག་གི་གནང་སྒོ་ཐམས་ཅད་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་འདུན་བཅས།

2023.3.28 9 2023.3.28 10 2023.3.28 11
2023.3.28 5 2023.3.28 3 2023.3.28 1
2023.3.28 15 2023.3.28 17 2023.3.28 19
2023.3.28 6 2023.3.28 14 2023.3.28 8

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.