IMG 8108 Desktop Resolution

༄༅།། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་ཕྱི་ལོ་༡༩༧༣ ལོར་ཁམས་དཀར་མཛེས་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས་ཤིང་། སྐུ་ན་ཕྲ་མོའི་དུས་ནས་རབ་ཏུ་བྱུང་། དགུང་ལོ་༡༥ ཕྱི་ལོ་༡༩༨༨ ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་དཔལ་ལྡན་གྲགས་པ་སོགས་མཚན་ལྡན་གྱི་བླ་མ་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་དཀའ་ལྔ་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་པ་གནང་སྟེ། དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས་པ་དང་།

དེ་རྗེས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་གསན་བཞེས་གནང་སྟེ་སྔགས་རམས་པ་ཨང་གཉིས་པའི་མཚན་གནས་བཞེས། ལོ་ངོ་བཅུ་ཕྲག་གི་སྔ་རོལ་ནས་གསན་བསམ་གནང་བཞིན་དུ་ཞོར་དུ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་སྟེ་སློབ་མ་མང་པོ་བསྐྱངས་གནང་ཞིང་། ལྷག་པར་དུ་གསན་བསམ་གྱི་འཛིན་གྲྭའི་རིམ་པ་མཐར་ཕྱིན་པའི་རྗེས་སུ་སློབ་མ་བརྒྱ་ཕྲག་བརྒལ་པར་རྒྱུན་དུ་དཔེ་ཁྲིད་ཆག་མེད་གནང་བཞིན་པ་དང་ཆབས་ཅིག གསུང་རྩོམ་དཔེ་དེབ་ཏུ་བཀོད་ཚར་བ་པོད་དྲུག་བོད་ཕྱི་ནང་ནས་པར་བསྐྲུན་ཐེངས་མང་པོར་བྱས་ཟིན་ཡོད་པ་དང་། ད་ལྟ་ཡང་དབུ་མའི་སྐོར་གྱི་གླེག་བམ་ཆེན་པོ་ཞིག་མཛད་ཀྱིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་ཙམ་མོ།།

 

 

 

 

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.