དྲང་ངེས་ལེགས་བཤད་སྙིང་པོ་དང་རིས་མེད་ལྟ་གྲུབ་སྐོར་གྱི་མཁས་པའི་བགྲོ་གླེང་།
༄༅།།ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡༢ ཉིན་ནས་ཉིན་གསུམ་རིང་ཀིརྟིའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་འཚོགས་བཞིན་ཡོད་ལ། ཉིན་དེའི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༨ པའི་སྟེང་ཀིརྟིའི་དགོན་ཁག་གི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཀིརྟིའི་དགོན་གྱི་ཚོགས་ཆེན་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་སྣང་
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་གཞིས་བྱེས་གཉིས་སུ་དགེ་སྒྲུབ་རྒྱ་ཆེར་གནང་བ།
ལོ་རེའི་ཕྱི་ཟླ་༨ ཚེས་༨ ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ཉིན་དེར་དམིགས་བསལ་གྱི་མཛད་སྒོ་དེ་འདྲ་གང་ཡང་མེད་ནའང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་པ་སོ་སོའི་གཞུང་དང་། གྲྭ་ཚང་། འཛིན་གྲྭ། སློབ་གྲྭ། གྲོང་སྡེ། ཤོག་ཀ སྐྱིད་སྡུག་ཚོགས་པ་ཆེ་ཆུང་སྣ་ཚོགས། གྲོགས་པོའི་ཚོགས་པ། གླུ་གར་ཚོགས་པ། མི་ཚང་དང་། མི་སྒེར་པ་སོགས་སྤྱི་སྒེར་སེར་སྐྱ་ཕོ་མོ་རྒན་གཞོན་ཧ་ཅང་མང་པོས། མ་སྐུལ་དང་བླངས། མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་ཁ་ཡོད་ལག་ཡོད་ཀྱི་རྣམ་དཀར་དགེ་བའི་ལས་གང་ཐུབ་རེ་སྤེལ་རྒྱུ་ལོ་ཤས་གོང་ནས་སྲོལ་ལྟར་གྱུར་ཡོད་པས་ད་ལོ་ཡང་མགོན་པོ་གང་གི་སྐུ་ཚེ་ཧྲིལ་པོའི་ཐུགས་དམ་གྱི་མཐིལ་དུ་མཛད་པའི་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་དགོངས་དང་མཐུན་
ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་ནོར་བདག་ཀརྨ་བཛྲ་གྱི་གཏེར་སྒྲུབ་དང་ལྷ་ཚེས་རྒྱས་པ།
ཕྱི་ལོ་༢༠༡༦ཟླ་༨ཚེས་༡༡ནས་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ནས་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་དུ་གྱུར་པ་བསྟན་སྲུང་ནོར་བདག་ཀརྨ་བཛྲ་གྱི་གཏེར་སྒྲུབ་ཡི་དམ་རྟ་མགྲིན་ཡང་གསང་གི་སྒོ་ནས་བླ་གྲྭ་བཅུ་གཅིག་གིས་ཉིན་བདུན་རིང་ཚོགས་པ་དང་། ཕྱི་ཚེས་༡༨། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ཏེ་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་དུ་བསྐོས་པའི་ཉིན་