སློབ་ཐོན་མཛད་སྒོ་དང་ལོ་རེའི་སློབ་སྦྱོང་དང་ལས་བྱེད་ལེགས་ཤོས་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོ་ཚོགས་པ།
༄༅།། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༧ ཉིན་སློབ་ཐོན་མཛད་སྒོ་དང་ལོ་རེའི་སློབ་སྦྱོང་དང་ལས་བྱེད་ལེགས་གྲས་ཀྱི་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོ་བཅས་གཟབ་རྒྱས་ངང་ཚོགས། དེ་ཡང་སྔ་དྲོའི་ཆུ་ཚོད་༩ ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་ཞབས་སོར་བཀོད་པ་དང་མཛད་སྒོ་དབུ་འཛུགས་གནང་བའི་ཐོག་མར་སྐབས་དང་གཉིས་ཀྱི་མཛོད་སློབ་ཐོན་པ་རྣམས་དང་།
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་དང་སྟབས་བསྟུན་ནས་བརྟན་བཞུགས་དང་སྨན་སྦྱིན་བྱས་པ།
༄༅།།ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ པའི་ཚེས་ ༨ རེས་གཟའ་ལྷག་དཀར་ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མཆོག་ཀིརྟི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་
ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༡ ཉིན་གྱི་བརྟན་བཞུགས་སྐབས་ཀྱི་སྐུ་པར་ཁག་ཅིག
༄༅།། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཉེ་སྔོན་ཐེ་ཝན་དུ་སྐུའི་སྙུན་གཞི་ཚབས་ཆེན་བཞེས་པ་ལས་ཡོངས་སུ་གྲོལ་ནས་བཞུགས་སྒར་དུ་ཞབས་སོར་འཁོད་མཚམས་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ཚེས་ ༢༡ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཚེ་ཡི་ལྷ་མཆོག་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་སྒོ་ནས་འབྲེལ་ཡོད་གཞིས་བྱེས་གཉིས་ཀའི་ངོ་བོ་མཚོན་པའི་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་ལམ་ཞུས་སྐབས་ཀྱི་སྐུ་པར་ཁག་ཅིག་འདིར་དད་རྟེན་དུ་བཀོད་པ་ལགས།
༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ།
༄༅།། ཕྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༢༡ རེས་གཟའ་ཕུར་བུ། གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་མོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ། རབ་འབྱམས་རྒྱལ་བ་ཀུན་ཀྱི་བརྩེ་ཆེན་འཕྲིན་ལས་ཀྱི་རང་གཟུགས། ཚེ་ཡི་ལྷ་མཆོག་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་སྒོ་ནས་འབྲེལ་ཡོད་གཞིས་བྱེས་གཉིས་ཀའི་ངོ་བོ་མཚོན་པའི་ཐོག་ནས་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་ལམ་ཞུས།