ཐེ་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་གནང་བའི་གསུང་བཤད།
༄༅།། རང་གཞུང་སྐུ་ཚབ་སྐུ་ངོ་དོན་གཅོད་མཆོག་དང་དོན་གཅོད་ཁང་གི་ལས་བྱེད་རྣམ་པ།ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམ་པ།བླ་སྤྲུལ་དགེ་འདུན་པ་དང་བོད་རིགས་མི་མང་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྡ་སའི་མདོ་སྨད་ས་གནས་རྒྱུན་ལས་སྐབས་བཅོ་ལྔ་པས་གོ་སྒྲིག་གནང་བའི་ཕྱི་ལོ་༢༠༢༢ལོའི་རྡ་ས་མདོ་སྨད་དབྱར་སྐྱིད་ཆེན་མོའི་ཐོག་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད།
༄༅།། སྐུ་མགྲོན་གཙོ་བོ་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ།མདོ་སྨད་དབུས་རྒྱུན་ལས་རྣམ་པ་དང་ས་གནས་རྒྱུན་ལས་རྣམ་པ། བླ་སྤྲུལ་དང་དགེ་འདུན་པ་རྣམ་པ། མདོ་སྨད་མིང་མང་ཡོངས་ལ་ཐེངས་དང་པོ་མདོ་སྨད་པའི་དབྱར་སྐྱིད་ཀྱི་ཉིན་མོར་ཕ་ཡུལ་གཅིག་པ་མང་པོ་ཞལ་འཛོམས་པ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དགེ་བཤེས་རྒྱུགས་སྤྲོད་ཀྱི་ལོ་སྟོད་ཀྱི་རྒྱུགས་སྤྲོད་ལེགས་པར་གྲུབ།
༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བཅའ་ཡིག་ཟུར་རྒྱན་དུ་གནང་བའི་སྒྲིག་གཞིའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༥ ནས་བཀའ་རམས་གསར་པ་དགེ་བཤེས་རྒྱུགས་སྤྲོད་ལོ་རིམ་གཉིས་པ་དང་དང་པོ་གཉིས་ཀྱི་ལོ་སྟོད་དགེ་བཤེས་རྒྱུགས་སྤྲོད་མགོ་འཛུགས་བྱས། ལོ་རིམ་གཉིས་པའི་བྲི་རྩོད་རྒྱུགས་ཀྱི་གཞུང་ཚན། འཕགས་བོད་མཁས་པའི་ཕར་ཕྱིན་རྩ་བ་དང་འགྲེལ་པའི་སྐོར་སྐབས་བཞི་པ་ཆ་ཚང་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་། རྩོད་རྒྱུགས་གཅིག དེ་བཞིན་མཛོད་རྩ་འགྲེལ་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་། རྩོད་རྒྱུགས་གཅིག ལོ་རིམ་དང་པོའི་བྲི་རྩོད་རྒྱུགས་ཀྱི་གཞུང་ཚན། འཕགས་བོད་མཁས་པའི་ཕར་ཕྱིན་རྩ་བ་དང་འགྲེལ་པའི་སྐོར་སྐབས་དང་པོའི་ཚོགས་སྒྲུབ་ཡན་ལ་བྲི་རྒྱུགས་ཀ་སྡེ་དང་ཁ་སྡེ་སྟེ་བྲི་རྒྱུགས་ཐེངས་གཉིས་དང་།