ཕྱི་ལོ་ ༢༠༢༣ ལོའི་སློབ་མཇུག་ཡོངས་སུ་བསྡུས་པ།
༄༅།།ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ཉིན་སློབ་འགོ་བཟུང་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༧ བར་ཟླ་གསུམ་གསུམ་གྱི་རྒྱུགས་སྤྲོད་ཁག་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༨ ནས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭ་དང་། ཕར་ཕྱིན་ལོ་རིམ་ལྔ་པའི་འཛིན་གྲྭ། དེ་བཞིན་ཚད་མའི་དམིགས་བསལ་འཛིན་བཅས་འཛིན་གྲྭ་གསུམ་ནས་ཚད་མའི་དགུན་ཆོས་ལ་མཉམ་བཞུགས་གནང་སྟེ་ཟླ་བ་གཅིག་ལྷག་གི་རིང་སྐབས་བབ་རྣམ་འགྲེལ་གྱི་གཞུང་ཚན་ཁག་ལ་ཁྲིད་རྩོད་ཟུང་འབྲེལ་གྱིས་འཚོགས། འདུལ་བ་ལོ་རིམ་གཉིས་པའི་འཛིན་གྲྭ་ནས་དུས་ཡུན་དེའི་རིང་ལོ་འཁོར་རྒྱུགས་སྤྲོད་ཀྱི་རང་སྦྱོང་ཆེན་མོ་གནང་།
༄༅།། ཐུགས་གསོའི་འཚམས་འཕྲིན།
༄༅།། ཞྭ་སེར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་གནང་བར། གུས་ཅག་གི་འདྲེན་པ་ཆེན་པོ་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གང་གི་སློབ་བརྒྱུད་དང་ཉེ་འབྲེལ་ལྟོས་བཅས་ཀུན་ལ་ཐུགས་གསོའི་འཚམས་འཕྲིན་གནང་བ།
༄༅།། ༧སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ།
༄༅།། གུས་ཅག་ཅག་གི་འདྲེན་པ་ཆེན་པོ་རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གི་ཆོས་ཀྱི་མཆེད་གྲོགས་དམ་པ་༧སྐྱབས་རྗེ་རྡོ་བུམ་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་༧ཁོང་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་ལྟར་ཀིརྟིའི་དགེ་རྩ་ཚོགས་པའི་ངོས་ནས་ཞིང་གཤེགས་དམ་པ་གང་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་འདི་ག་གྲྭ་ཚང་དུ་སྤྱོད་འཇུག་ཆེན་མོ་དང་། སྨོན་ལམ་སོགས་འདོན་སྐུལ་གནང་བར་དགེ་འདུན་འདུས་མང་ལྷན་ཚོགས་གནང་།
༄༅།། མཁན་རིན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་བསྒྲུབས་གནང་མཛད།
༄༅།། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༥ ཉིན་འདི་ག་གྲྭ་ཚང་གི་ཚོམས་ཆེན་དུ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་བཞིན། གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་མཁན་སློབ་གཅིག་ལྕོགས་དང་། དབུ་མཛད་བློ་བཟང་ཆོས་འཕེལ་གྱིས་ཁ་སྐོང་གནང་སྟེ་གྲྭ་གཞོན་སུམ་ཅུ་སོ་དགུ་ལ་བསྟན་པ་ལ་འཇུག་པའི་སྒོ་དང་པོ་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཅས་བསྒྲུབས་གནང་དང་། དེ་བཞིན་ཕྱི་ཚེས་ ༨ ཉིན་གྱི་དགོང་མོ་དགེ་ཚུལ་གསར་དུ་བསྒྲུབས་པ་རྣམས་གཙོ་བོར་བྱས་ཏེ་གྲྭ་ཚང་གི་དགེ་ཚུལ་ཕལ་མོ་ཆེ་འཛོམས་སར་དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་ངོ་སྤྲོད་དང་འབྲེལ་ནས་གྲྭ་པའི་ཀུན་སྤྱོད་སྐོར་གྱི་ཆོས་མཐུན་གྱི་བསླབ་བྱ་ཟབ་མོ་སྩལ་གནང་མཛད།