འདི་ག་གྲྭ་ཚང་དུ་ཕར་ཕྱིན་དབྱར་ཆོས་ཐེངས་བཞི་པ་དབུ་འཛུགས་སྐབས་མཁན་རིན་པོ་ཆེས་ལམ་སྟོན་གསུང་བཤད་གནང་བ།
༄༅།། ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་སྐབས་ཁྲིད་རྩོད་གཙོ་བོར་བྱེད་སའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནས་ཁག་ཅིག་ཟུར་འདོན་བྱས་པ་གཤམ་གསལ་དག་ཡིན་ལ། དེ་དག་ནི་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་པོ་དབུ་བཞུགས་ཀྱིས་འཚོགས་རྒྱུའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་ཀྱི་གདན་ཞུས་མཁས་པ་རྣམས་ཀྱིས་གསུང་བཤད་གནང་རྒྱུའི་བརྗོད་གཞི་དག་ཀྱང་ཡིན།
ཧོར་གཙང་ཀིརྟི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བཅུ་གཉིས་པ་འཚོགས་བཞིན་པའི་གནས་ཚུལ།
༄༅།། ཕྱི་ལོ་ ༢༠༡༨ ལོའི་ ༡༠ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་བོད་མདོ་སྨད་ཧོར་གཙང་ཀིརྟི་དགོན་དུ་’’ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་’’ཐེངས་བཅུ་གཉིས་པ་དབུ་འཛུགས་ཀྱིས་ཟླ་འདིའི་ཚེས་ ༣༡ བར་ཉིན་ ༢༠ རིང་འཚོགས་རྒྱུ་ཡིན་འདུག དེ་ཡང་ཕྱི་ལོ་༢༠༠༧ ལོར་གསར་དུ་ཚུགས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་ཀིརྟི་ཚང་གི་གདན་ས་ཆེ་ཁག་(སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན།) བཞི་ལ་ལོ་ལྟར་རེས་མོས་ཀྱི་འཚོགས་བཞིན་ཡོད་ཅིང་།
གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གཏན་ཁེལ་བའི་དྲང་ངེས་བགྲོ་གླེང་ཉིན་ཤས་སྔ་སྣུར་བྱས་ཡོད་པའི་སྐོར་གྱི་གསལ་བསྒྲགས།
༄༅།། རིས་སུ་མ་ཆད་པའི་གཞུང་ལུགས་རབ་འབྱམས་སྨྲ་བ་དང་སློབ་གཉེར་པ་སེར་སྐྱ་ཕོ་མོ་ཡོངས་ཀྱི་༸སྙན་ལམ་དུ་གསོལ་རྒྱུར།
ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་གོ་སྒྲིག་གིས། ༸རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ། གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༤ ནས་ཉིན་གསུམ་རིང་འཚོགས་གཏན་ཁེལ་བའི་གསལ་བསྒྲགས་ཞུས་ཟིན་དེ་ལྟར་ཡང་།
སློབ་ཐོན་མཛད་སྒོ་དང་ལོ་རེའི་སློབ་སྦྱོང་དང་ལས་བྱེད་ལེགས་ཤོས་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོ་ཚོགས་པ།
༄༅།། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༧ ཉིན་སློབ་ཐོན་མཛད་སྒོ་དང་ལོ་རེའི་སློབ་སྦྱོང་དང་ལས་བྱེད་ལེགས་གྲས་ཀྱི་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོ་བཅས་གཟབ་རྒྱས་ངང་ཚོགས། དེ་ཡང་སྔ་དྲོའི་ཆུ་ཚོད་༩ ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་ཞབས་སོར་བཀོད་པ་དང་མཛད་སྒོ་དབུ་འཛུགས་གནང་བའི་ཐོག་མར་སྐབས་དང་གཉིས་ཀྱི་མཛོད་སློབ་ཐོན་པ་རྣམས་དང་།